ནག་བཟའ་སྡེ་བའི་ཕ་ཁྱིམ་བདག་སྐྱོང་ཚོགས་པའི་མཚམས་སྦྱོར།
ཚོགས་པ་འདི་ནི་༢༠༠༩ལོ་ནས་བཟུང་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་མཐར་ཕྱིན་སློབ་མ་འགའ་དང་སྡེ་བའི་སློབ་ཆེན་སློབ་མ་འགའ་མཉམ་རུབ་ཀྱིས་རང་སྡེ་བའི་སློབ་གསོའི་དགོས་མཁོ་ལྟར་གསར་དུ་བཙུགས་པའི་ཚོགས་པ་ཞིག་ཡིན་ཞིང་། ཚོགས་པ་འདིས་ལོ་རེ་རེར་འཆར་ཅན་ལྟར་རང་སྡེ་བ་ཚན་ཁག་བཅུ་གསུམ་ལྷག་ཏུ་བགོས་ཏེ་ཕ་སྐད་དང་རྨོངས་སེལ་གཙོར་བྱས་ནས་བོད་ཀྱི་སློབ་གསོའི་བྱ་འགུལ་རབས་དང་རིམ་པ་སྤེལ་བར་མ་ཟད། ༼སྡེ་བའི་སྤྱི་ཆིངས་ཆེན་མོ་ལུགས་གཉིས་དར་དཀར་གསལ་བའི་མེ་ལོང་༽སོགས་གཏན་ལ་ཕབས་ཏེ་ལོ་འདི་འགར་རང་ས་གནས་ཀྱི་སློབ་གསོའི་འཕེལ་རྒྱས་ཀྱི་ཕྱོགས་ལ་གྲུབ་འབྲས་མི་དམན་པ་བླངས་པས་སྡེ་མི་རྒན་གཞོན་ཡོངས་ཀྱིས་བསྔགས་བརྗོད་བླ་མེད་གནང་བཞིན་ཡོད་དོ། །
སྡེ་དམངས་ལ་སློབ་གསོ་གནང་བཞིན་པ།
ཚན་ཁག་སོ་སོར་རྒྱུགས་ལེན་བཞིན་པ།

དགའ་རྟགས་སོགས་བྱིན་ནས་སྡེ་བའི་སློབ་གསོའི་ལོ་མཇུག་གི་གྲུབ་འབྲས་ལ་སྤྱི་བསྡོམས་བྱེད་བཞིན་པའི་རྣམ་པ།
རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར། ཨ་བུ་འབྲོང་། བན་ཤུལ་འཇམ་དབྱངས།
|