གླིང་སྲས་བོད་ཡིག་དྲྭ་ཚིགས།


གླིང་སྲས་བོད་ཡིག་དྲྭ་ཚིགས་འོས་སྦྱོར།

  གླིང་སྲས་བོད་ཡིག་དྲྭ་ཚིགས་ནི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་བཅུ་གཉིས་པའི་མཐར་ཕྱིན་སློབ་མ་གླིང་སྲས་ཚུལ་ཁྲིམས་མཐར་ཕྱིན་ལགས་ཀྱིས་གཉེར་གྱིན་ཡོད། དྭ་ཚིགས་འདི་ནི་ཁམས་ཕྱོགས་ཀྱི་སྒེར་གཉེར་དྲྭ་ཚིགས་སྔ་ཤོས་ཡིན་ཞིང་འདི་ལ་རྩ་བའི་ཚན་པ་བརྒྱད་ཡོད་དེ། དང་བོ། འཛམ་གླིང་རྒྱང་ལྟ། གཉིས་པ། ཁ་མིག་ནང་སྐོར། གསུམ་པ། ལ་བཏུས་ལུང་བཏུས། བཞི་བ། སྐབས་དོན་སྐབས་སྤེལ། ལྔ་བ། ས་རྩོམ་རྡོ་རྩོམ། དྲུག་པ། རྣག་ཐོག་ཁབ་བཙགས། བདུན་པ། གཞན་རྩོམ་ནང་འདྲེན། བརྒྱད་པ། ཁམས་དང་ཁམས་པ་བཅས་སོ།། དྲྭ་ཚིགས་འདི་གཉེར་ནས་མི་ལོ་གསུམ་ཙམ་འགོར་ལ་རྗེས་སུ་འཕྲིན་ཕྲན་དར་བ་དང་བསྟུན་དྲྭ་ཚིགས་འདིའི་ཡན་ལག་ལྟ་བུར་དམིགས་ནས་གླིང་སྲས་བོད་ཡིག་འཕྲིན་སྟེགས་ཕྱེས་ཤིང་ད་སྐབས་མུ་མཐུད་དུ་རྒྱུན་སྐྱོང་གིན་མཆིས། འཕྲིན་སྟེགས་འདི་ནི་བོད་ཁུལ་གྱི་བོད་ཡིག་རྐྱང་བའི་འཕྲིན་སྟེགས་ཆེས་ཐོག་མ་དེ་ཡིན་ཞིང་ད་སྐབས་རྒྱུན་ཞུགས་ཀྱི་ཀློག་པ་བོ་ཁྲི་བདུན་ཙམ་ཡོད། རྗེས་ཕྱོགས་ཀྱང་སྤྱིར་བོད་ཀྱི་རིག་གནས་དང་སྒོས་སུ་བོད་ཀྱི་སྐད་ཡིག་ལ་ཕན་པའི་བྱ་བའི་ཕྱོགས་ལ་འབད་རྒྱུ་ནི་དྲྭ་ཚིགས་གཉེར་བ་བོའི་ཕུགས་འདུན་གཙོ་བོ་ཡིན་ནོ།། 



རྩོམ་སྒྲིག་པ།:   ཨ་བུ་འབྲོང་། སྤེལ་དུས:   2015-07-11 ལྟ་ཀློག (5164)