དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
མིག་སྔར་དྲ་ཚིགས་འདིར་འདེམ་བྱང་སྤེལ་མེད།
ཕྱོགས་སྟོན། གཙོ་ངོས།»གཙོ་ངོས།» སློབ་གྲྭ་དང་སྤྱི་ཚོགས་ཀྱི་སྐོར།

སློབ་གྲྭ་དང་སྤྱི་ཚོགས་ཀྱི་སྐོར།

མགོ་བྱང་ཡུབ།
སྤྱི་ཚོགས་བཀའ་སློབ་གནང་བཞིན་པའི་ཡུལ་དངོས།
  པར་རིས་ཐོག་མ།  པར་རིས་གོང་མ།  པར་རིས 8/8 པར་ཡོད།
པར་རིས་གསལ་བཤད།

     གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་ནི་མི་ལོ་འདི་དག་ནང་བོད་ཀྱི་འབོད་སྐུལ་གཏམ་བཤད་གནང་མཁན་ཆེས་གྲགས་ཅན་དུ་གྱུར་ཡོད་པས་སྤྱི་ཚོགས་སྟེང་ནས་དམིགས་ཡུལ་དང་ཐོབ་ཐང་འདྲ་མིན་ཅི་རིགས་སུ་ཁོང་གི་གསུང་བཤད་ལ་དོ་སྣང་བྱེད་མཁན་ལོ་རེ་བཞིན་ཇེ་མང་ནས་ཇེ་མང་རེད།  ད་ལོ་ཡང་སློབ་གྲྭས་དགུན་གནང་བཏང་ནས་དུས་ཡུན་བདུན་ཕྲག་གཅིག་ཡས་མས་སུ་ཀན་ལྷོའི་དམེ་ཤུལ་ཕྱོགས་ནས་མཁས་དབང་དམེ་ཤུལ་འཇིགས་མེད་སོགས་ཀྱིས་ཡང་ཡང་བསྐུལ་བ་བཞིན། དམེ་ཤུལ་ཐང་སར་དགོན་གྲོང་ཡོངས་དང་། དེ་བཞིན་དུ་ཁྱུང་མཆུ་རྫོང་ཁང་དམར་དགོན། རྔ་བ་རྫོང་ཇོ་ནང་ཐར་མོ་དགོན། གཞན་ཡང་ད་དུང་སི་ཁྲོན་མཛོད་དགེ་ཨ་སྐྱིད་ཀྱི་ཞི་བདེའི་ཞབས་བརྟན་ཚོགས་པ་བཅས་ལ་འཆད་ཁྲིད་འཁུལ་བ་གནང་བས་སྐྱ་སེར་རྒན་གཞོན་ཀུན་གྱིས་དགའ་བའི་ཁ་བཏགས་ཕུལ། ད་དུང་ཉིན་འདི་དག་ལ་སྒོ་མང་དགོན་དུ་གྲྭ་བ་དོན་གཉེར་ཅན་མང་བོར་དཔེ་ཁྲིད་གནང་འཆར་ཡོད་པའི་གཏམ་ཕྱོགས་མཐའ་དབུས་ཀུན་ལ་ཁྱབ་བཞིན་པ་འདི་ཡང་ཐམས་ཅད་དགའ་བའི་གནས་སུ་ཅིའི་མི་འགྱུར།
ལྟ་ཀློག་གྲངས་ཀ
23386486
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906